དཀར་མཛེས་ཀྱི་གྲྭ་པ་ཞིག་འཛིན་བཟུང་།
གྲྭ་འོད་ཟེར་ཕུན་ཚོགས་ནི་བེ་རི་དགོན་གྱི་གྲྭ་ཞིག་ཡིན་པ་དང་། ཁོང་གི་ཕ་བློ་བཟང་རྒྱལ་མཚན་དང་མ་རྟ་མགྲིན་ལྷ་མོ་གཉིས་ཡིན་འདུག དེ་ཉིན་ཁྲོམ་ལམ་ནས་སྐད་འབོད་ཤུགས་ཆེར་བརྒྱབ་རྗེས་འཛིན་བཟུང་བྱས་པ་དངོས་སུ་མཐོང་བའི་མི་སྣས་འདི་གར་འགྲེལ་བརྗོད་གནང་སོང་། ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་གང་ཡང་མེད་པ་རེད།།