ས་ག་ཟླ་བར་སློང་མོ་བ་ཇེ་མང་ལ་སོང་འདུག
ལྷག་དོན་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་གཉིས་སུ་ཉིན་ལྟར་ཞོགས་པ་སྔ་མོ་ནས་སྐོར་བ་བྱེད་མཁན་ལྡབ་གྱུར་ཇེ་མང་ལ་སོང་ཡོད་ཐོག། ཉིན་འདི་ཚོར་མི་མང་པོས་ཤ་སོགས་དམར་ཟས་སྤོང་པ་དང་། སྤྲང་པོ་ལ་སྦྱིན་པ་གཏོང་བ། སྲོག་བླུ་ཚེ་ཐར་གཏོང་བ། མཆོད་རྟེན་ལ་དབུ་དཀར་གསོལ་བ། སྐོར་ལམ་ཡོངས་སུ་གཙང་སྦྲ་བྱེད་པ། དགོན་པ་ཁག་ལ་མཆོད་པ་འབུལ་བ། སྨྱུང་གནས་སྲུང་བ་སོགས་རང་རང་སོ་སོས་རྣམ་དཀར་དགེ་བའི་ལས་ལ་བརྩོན་བཞིན་འདུག་པ་མ་ཟད། དེ་འབྲེལ་གྱིས་སློང་མོ་བ་ཡང་སྐོར་ལམ་གང་སར་ཇེ་མང་ལ་སོང་འདུག།
ད་དུང་སྐོར་ལམ་གྱི་ཟ་ཁང་དང་ཚོང་ཁང་ཚོར་ཡང་རྒྱུན་ཏན་མ་ཡིན་པར་བྲེལ་བ་ཇེ་ཆེར་སོང་འདུག་ལ། ཁྲོམ་ཚོང་རྒྱག་མཁན་ཇེ་མང་ལ་སོང་ཡོད་ཐོག་རིན་མེད་ཐོག་ཇ་དང་བག་ལེབ་སྦྱིན་གཏོང་བྱེད་མཁན་ཡང་མང་པོ་འདུག
བལ་ཡུལ་གསར་འགོད་པས།