ཁམས་དཀར་མཛེས་སུ་གྲྭ་པ་གསུམ་འཇུ་བཟུང་།

དེ་བཞིན་བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་པ་དང་སྦྱར་ཡིག་འགྲེམས་བཀྲམ་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་ས་གནས་སྐོར་སྲུང་བས་ཁོང་གཉིས་ལ་ཉེས་རྡུང་དྲག་པོ་བཏང་སྟེ་བཙོན་འཇུག་བཀག་ཉར་བྱས་འདུག།

དེའི་ཕྱི་ཉིན་སྟེ་ཚེས་༧ ཉིན་གྲྭ་པ་འོད་ཟེར་ཕུན་ཚོགས་ཅེས་པས་དཀར་མཛེས་གྲོང་གི་དཀྱིལ་དུ་འཇུ་བཟུང་བྱས་པའི་གྲྭ་དེ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། ཁོང་ལའང་ས་གནས་སྐོར་སྲུང་བས་ཉེས་རྡུང་དྲག་པོ་བཏང་སྟེ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག ད་ཆ་གྲྭ་པ་དེ་གསུམ་གྱི་ལུས་ཁམས་གནས་སྟངས་དང་ས་གནས་གང་དུ་ཡོད་མེད་སོགས་གསལ་ཁ་མེད་པ་རེད།

 

་གྲྭ་པ་འོད་ཟེར་ཕུན་ཚོགས།

http://www.tibetexpress.net/bo/home/2010-02-04-05-37-19/5826-2011-06-08-11-32-39