སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་ཧྥ་རན་སིའི་གྲོས་ཚོགས་སུ་གསུང་བཤད་གནང་བ།
ཉེ་ལམ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་མང་ཚོགས་ཀྱི་བསམ་འཆར་དང་མི་མང་འཐུས་མི་སོ་སོས་བསམ་འཆར་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས་ཁྲིམས་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པ་གཏན་འབེབས་བྱུང་ཚུལ་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།