རྒྱ་གར་གྱི་ཟས་རིགས་དང་ལས་གླ་ ༩% ལྷག་འཕར་བ།

རྒྱ་གར་དབུས་གཞུང་ཚོང་འབྲེལ་ལྷན་ཁང་གིས་དེ་ནི་བཟོ་སྐྲུན་བྱས་པའི་ཚོང་ཟོག་རྣམས་ཀྱི་གོང་ཚད་འཕར་པའི་རྐྱེན་གྱིས་ཡིན་སྐོར་གསུངས་ཡོད་པ་རེད། རྒྱ་གར་གྱི་ཚོང་དང་བཟོ་ལས་ལྷན་ཚོགས་ཀྱི་དྲུང་ཆེ་ཌོཀ་ཊོར་རྰ་ཇིཝ་ཀུ་མྰར་གྱིས། ཟས་སོང་དང་ལས་གླའི་གོང་ཚད་འཕར་བ་འདི་ལ་གཞིག་ན་རྒྱ་གར་དབུས་ཟུར་འཇོག་དངུལ་ཁང་གིས་མ་དངུལ་སྐྱེད་ཀ་རྣམས་ད་དུང་སྤར་རྒྱུ་ཡིན་པ་དང། དེས་མ་རྩ་འཛུགས་འཇོག་གི་ཁྲོམ་རའི་ནང་དོ་ཕོག་གཏོང་སྲིད་པ་རེད་ཅེས་བརྗོད་ཡོད་པ་རེད། རྒྱ་གར་དབུས་ཟུར་འཇོག་དངུལ་ཁང་གིས་ལྷན་འཚོགས་ཤིག་བྱས་ཏེ་མ་དངུལ་སྐྱེད་ཀའི་གོང་ཚད་རྣམས་སྤར་ཡོད་པ་རེད། འདི་ནི་འདས་པའི་ཟླ་བ་བཅུ་དྲུག་གི་རིང་ལ་སྐྱེད་ཀ་སྤར་བ་དེ་ཐེངས་བཅུ་པ་ཆགས་ཀྱི་ཡོད་པ་རེད།།