བྱང་ཨེ་ཊི་ལྰན་ཊ་དམག་གིས་གཱ་དྷ་ཧྥིའི་སྡོད་ཁང་ཏུ་རྒོལ་རྡུང་བཏང་བ།
གཱ་དྷ་ཧྥིི་ཡི་བུ་སེ་ཨེཕ་ཨལ་ཨི་ས་ལཱམ་གྱིས་གསར་འགོད་པ་ཞིག་ལ་བརྗོད་དོན་དུ། རང་གི་ཕ་གཱ་དྷ་ཧྥིི་ཡིས་ཕྱི་ལོ་༡༩༦༩ ནས་བཟུང་ལི་བྷི་ཡཱ་ལ་དབང་སྒྱུར་བྱས་ནས་སྡོད་པའི་དུས་དེ་ད་ཆ་རྫོགས་ཟིན་ཡོད་པ་དང། གལ་ཏེ་རྒྱལ་སྤྱི་ནས་མོས་མཐུན་ཡོད་ན་ཟླ་བ་གསུམ་གྱི་ནང་ཚུད་དུ་ལི་བྷི་ཡཱའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གོ་སྒྲིག་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། བྱང་ཨེ་ཊི་ལྰན་ཊ་ཚོགས་མི་ཚོས་བརྗོད་ན། ད་ལྟ་ཁོང་ཚོའི་ཚོགས་མི་རྣམས་རྒྱལ་ཁབ་འགའ་ཡི་ནང་དུ་ལི་བྷི་ཡཱའི་དམག་དོན་དང་འབྲེལ་བའི་གནོན་ཤུགས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་སྟབས་དེ་ལ་དམིགས་པའི་ངན་བྱུས་བཤམས་པ་ཞིག་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད།།