ཞི་རྒོལ་བ་བཙུན་མ་ཞིག་འཇུ་བཟུང་།
༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་པའི་ཡིི་གེ་མང་པོ་བཀྲམས་པའི་ཞོར། ༸རྒྱལ་བ་རིན་པོ་ཆེན་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་སྐད་ཤུགས་ཆེན་པོས་འབོད་ཚིག་བསྒྲགས་པར་བརྟེན། འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག བཅུ་གཉིས་ལྷ་མོ་ནི། མདོ་ཁམས་དཀར་མཛེས་རྫོང་། ཀཿ བྲག་ཤང་། ཡ་ནང་ཞེས་པའི་གྲོང་ཚོ་དུ། ཕ་བསོད་ནམས་རྒྱ་མཚོ་དང་། མ་ཡེ་ཤེས་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༩ ཡིན་འདུག་ཅེས་གྲྭ་པདྨ་ཚེ་དབང་གིས་གནས་ཚུལ་མཁོ་སྤྲོད་གནང་སོང་།།