༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

བཀའ་ཁྲིར་འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད། དེ་ནས་བཞུགས་སྒར་དུ་ཆིབས་བསྒྱུར་སྐྱོང་སྐབས་ས་གནས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུ་ཞུས། ཕོ་བྲང་གི་རྒྱལ་སྒོའི་མདུན་དུ་ཁྲིམས་ཞིབ་པ་ཆེ་བ་གཉིས་དང། ཆོས་རིག་བཀའ་བློན་དང་དཔལ་འབྱོར་བཀའ་བློན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།།