བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་།

འདི་ལོ་སླར་ཡང་སྤི་ཏི་རང་རིག་ཡུལ་དུ་ཕྱི་ལོ་༢༠༡༡ ཟླ་བ་༡༠ པའི་ཚེས་༣ ནས་ཟླ་བ་༡༡ པའི་ཚེས་༢༥ བོད་ཟླ་༨ པའི་ཚེས་༧ ནས་ཟླ་བ་༩ པའི་ཚེས་༣༠ བར་མུ་མཐུད་ཡུམ་རྒྱས་འབྲིང་བསྡུས་གསུམ་ནས་དབུ་བརྩམས་ཏེེ་ལྗགས་ལུང་ཟབ་མོ་བཀའ་དྲིན་བསྐྱང་རྒྱུ་ཐུགས་གཏན་འཁེལ་བ་བྱུང་སོང།

དེ་འབྲེལ་ཐུགས་སྣང་དགོས་པ་ཞིག་ལ་རྩ་བའི་ཆ་ནས་སྔ་ལོ་ཇི་བཞིན་ཞལ་ལག་དང་བཞུགས་གནས་སོགས་མཐུན་རྐྱེན་གང་ཡོང་ཞུ་རྒྱུ། ཡིན་ཡང་སྐྱབས་བཅོལ་ལག་དེབ་(R.C) ཡོད་མཁན་རྣམས་ས་གནས་སོ་སོ་ནས་ཐོན་ཚེས་དང་འབྱོར་ཚེས་སོགས་ཁྲིམས་མཐུན་ཡོང་བ་གནང་དགོས་པ་དང།    མ་ཟད་ས་མཚམས་བཀའ་འཁྲོལ་ཕྱག་ཁྱེར་(Interline-permit) དེ་བཞིན་ཕྱི་རྒྱལ་བ་དང་བོད་ནས་ཕེབས་མཁན་ཆོས་ཞུ་བ་རྣམ་པས་ཀྱང་ངེས་པར་ཞུ་གནང་དགོས་པ་ལས། འདི་གའི་གོ་སྒྲིག་ཚོགས་ཆུང་གིས་དེའི་ཐད་འགན་ལེན་ཞུ་ཐབས་གང་ཡང་མི་འདུག་པས་ཚང་མས་གལ་ཆེའི་ཐུགས་སྣང་གནང་རྒྱུའི་གསལ་བསྒྲགས་བཅས།

སྤི་ཏི་རང་རིག་བཀའ་འགྱུར་གོ་སྒྲིག་ཚོགས་ཆུང་ནས་ཕུལ།
འབྲེལ་བ་གནང་ཡུལ།
Cell: 9418800811/9418556120
སྤི་ཏི་རང་རིག་བཀའ་འགྱུར་ལྗགས་ལུང་གྲ་སྒྲིག་ཚོགས་ཆུང།
KAGYUR TRANSMISSION MANAGEMENT COMMITTEE RANGRIK SPITI (H.P),172114