རྒྱལ་ཚོགས་ཀྱི་དྲུང་ཆེ་བསྐྱར་འདེམས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་ཚོགས་མི་རྒྱལ་ཁབ་ ༡༩༢ ཡོད་ཅིང། རང་ལོ་ ༦༧ ལ་སོན་པའི་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་བྷན་ཀི་མུན་གྱིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ནས་དྲུང་ཆེའི་ལས་ཁུར་གནང་རྒྱུ་ཡིན་པ་རེད། ད་ཐེངས་འོས་བསྡུའི་ནང་དུ་བྷན་ཀི་མུན་ལ་ཁ་གཏད་སུ་ཡང་བྱུང་མེད་པས། ཁོང་འདེམས་ཐོན་བྱུང་བ་དེར་དགའ་སྤྲོ་ཚད་མེད་བྱུང་ཞེས་གསུངས་ཡོད་པ་རེད།།