རླབས་ཆེན་གྱི་གཟི་བརྗིད་སྟོང་གསུམ་ན་འཕྲོ།

 

གང་ཉིད་གསུང་གི་གདུལ་བྱ་གྲངས་མེད་ཀྱི།།

ལུས་སེམས་ནད་ཀྱི་སྨན་རྐྱལ་འགྱུར་བ་ཡི།།

སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོའི་གསུང།

སྲིད་པ་གསུམ་ན་འཆི་མེད་བདུད་རྩི་ཡིན།།

གང་ཉིད་ཐུགས་ཀྱི་བཞེས་དགོངས་ཡངས་ཅིང་དཀྱེལ།།

ཁ་བ་པ་རྣམས་དམངས་གཙོ་ལམ་ལ་འཁྲིད།།

མི་རིགས་བདེ་དོན་ཁོ་ན་ལ་བསམ་ནས།།

མི་རིགས་འདི་ཉིད་གཡང་ས་གནས་ནས་སྐྱོབ།།

མ་འོང་མངོན་གཟིགས་ཕུག་རྒྱང་རིང་པོ་ཡི།།

བརྒྱུད་ལམ་བཀོད་སྒྲིག་ཡང་དག་དབུ་མའི་ལམ།།

བོད་རྒྱ་གཉིས་ཕན་དཀའ་སྡུག་གཟིགས་པའི་ཐོག།།

ཞི་བདེ་འོད་སྣང་ས་གཞི་ཁྱབ་པར་བརྗིད།།

བཙན་པོའི་གདུང་རྒྱུད་འདི་ཡི་མ་འོང་གི།

བདེ་སྡུག་ཁོ་ན་བསམ་ནས་ཆབ་སྲིད་ཀྱི།།

དབུ་ཁྲིད་ཐུཊ་འགན་མང་མོས་འདེམས་སྐོས་ཀྱི།།

བཀའ་ཁྲི་སྤྱི་མཐུས་སོགས་ལ་གསོལ་རས་བསྩལ།།

འདི་ནི་རླབས་ཆེན་བྱེད་རྗེས་གཙིགས་སུ་འཛིན།།

གཟུར་གནས་མཁས་པ་མང་པོས་བསྔཊ་བརྗོད་གནང།།

མཐོ་དང་གོ་ས་རྔམས་པའི་སྤྱང་ཀི་ཚོགས།།

རེ་ཞིག་ཧ་འཐོམ་ཧད་ཀྱི་ངང་ནས་ལུས།།

བྱམས་དང་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།

ཞི་བདེ་འོད་ཟེར་སྟོང་གསུམ་འཕྲོ་བ་ན།།

འཛམ་གླིང་ཞི་བདེ་གཟེངས་རྟགས་གྲངས་མེད་ཅིག།།

བསྟན་འཛིན་རྒྱ་མཚོའི་ཕྱག་ཏུ་མི་ཕུལ་སུ།།

ཨ་རིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཡི།།

གཟེངས་རྟགས་འོད་སྣང་འཕྲོ་བ་གང་ཉིད་ཀྱི།།

ཕྱག་གི་པད་མོའི་ཟུང་དུ་བཞེས་བ་ན།།

རྐང་གཉིས་པ་རྣམས་དགའ་འབོད་གནམ་ས་འགེམས།།

ཤར་དང་ནུབ་ཀྱི་ཁྱད་པ་མི་འདུག་པའི།།

གང་ཉིད་སྐུ་ཡི་མཛད་པ་འཕྲིན་ལས་ལ།།

གུས་ཤིང་བརྩེ་བའི་དད་མདུན་དྲག་པོ་ཡི།།

བསྟོད་བསྔགས་མེ་ཏོག་མདུན་ནས་མདུན་དུ་བསུ།།

2011 5 10