དཀར་མཛེས་བོད་ཀྱི་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་ཡིན་ཟེར།

belkob_23_6_2011ལས་འགུལ་དེར་མི་མང་སུམ་བརྒྱར་ཉེ་བ་འདུ་འཛོམས་བྱུང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་ཤར་གླིང་ཟླ་སྒྲོན་རྣམས་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་ཡོད་པ་རེད། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་སྐབས་ “བོད་ནང་དུ་རྒྱུད་སྐུལ་བྱེད་མཁན་དང་འགོ་ཁྲིད་བྱེད་མཁན་སུ་གང་མེད་བཞིན་དུ་བོད་དོན་ཆེད་ལུས་སྲོག་དོར་དེ་ཞི་བའི་ངོ་རྒོལ་བྱེད་མཁན་རྒྱུད་ཆད་མེད་པར་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཁོང་ཚོས་བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས། རྒྱ་དམར་བོད་ནས་ཕར་རྒྱུག་དགོས་པའི་འབོད་ཚིག་གཅིག་གྱུར་འོག་ཆོལ་ཁ་གསུམ་ཀྱི་གཞིས་ལུས་སྤུན་ཟླའི་སྙིང་སྟོབས་དང་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་གི་སྒང་ལ་བོད་ཀྱི་གནས་ཚུལ་གཏན་ནས་ཡལ་མེད་པར་གནས་ཡོད་པ་རེད། ༢༠༠༨ ནས་བཟུང་ཉེ་བའི་ཆར་ཀིརྟི་དགོན་པའི་གནས་ཚུལ་ནས་དེང་སྐབས་དཀར་མཛེས་ཁུལ་གྱི་ཛ་དྲག་གནས་ཚུལ་ཆད་མེད་དུ་ལྷག་ཡོད་པ་རེད། ང་ཚོས་ཁོང་ཚོའི་སྙིང་སྟོབས་དང་བཀའ་དྲིན་དྲན་པའི་སྒོ་ནས་ཆིག་སྒྲིལ་དང་མཉམ་ལས་བྱས་ནས་བོད་ནང་གི་གནས་ཚུལ་འཛམ་གླིང་ལ་བསྒྲགས་དགོས་པ་རེད།”ཅེས་སོགས་བསྒྲགས་ཡོད་པ་དང་།

སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བོད་ནང་གི་གནས་ཚུལ་སྤྱི་དང་བྱེ་བྲག་༢༠༠༨ དང་རྔ་བ་ཀིརྟི་དཀོན་པ་དང་དཀར་མཛེས་ཁུལ་ཀྱི་ད་ལྟའི་གནས་ཚུལ་བཅས་ངོ་སྤྲོད་གནང་སྐབས་ “ང་ཚོ་རང་དབང་ལུང་པར་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་༢༠༠༨ ནས་ད་ལྟའི་བར་ཆོལ་ཁ་དབྱེ་བ་མེད་པར་འབོད་སྒྲ་གཅིག་གི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། རང་དབང་ལུང་པར་ང་ཚོའི་སེམས་ཤུགས་དང་ལྷག་བསམ་ཀྱི་ནུས་པ་ཆུང་རུ་འགྲོ་བའི་མཐོང་ཚུལ་བྱུང་གི་ཡོད་པ་རེད། བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོར་མིག་དཔེ་ལྟ་བ་དང་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་མུ་མཐུད་སྤེལ་དགོས་རེད།”ཅེས་སོགས་གཏམ་བཤད་སྤེལ་ཡོད་པ་རེད།

མེ་སོར་གསར་འགོད་པས།

{jcomments on}