རྒྱལ་བ་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་དང་ཁོར་ཡུག་གཙང་བཟོ།

karmapa birth day 26-6-11 3དགོན་པའི་གོ་སྒྲིག་ལྟར་བླ་མ་ཀརྨ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་འོག་ཁོར་ཡུག་སྲུང་སྐྱོབ་ཆེད་ཤིང་སྡོང་ཆིག་སྟོང་ལྷག་འདེབས་འཛུགས་ཀྱི་ལས་འགུལ་ཞིག་ཀྱང་འགོ་འཛུགས་ཞུས་ཡོད་པ་རེད། བླ་མ་ཀརྨ་རིན་པོ་ཆེས་འཁྲུངས་སྐར་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། འདི་ལོར་འབྲེལ་ཡོད་དད་ལྡན་མང་པོས་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་བརྩི་དགོས་པའི་རེ་སྐུལ་དང་སྦྱིན་བདག་བྱུང་ཡོད་ན་ནའང་། དེང་སྐབས་བོད་ནང་གི་གནས་ཚུལ་ཛ་དྲག་ཡིན་པར་བརྟེན་འཁྲུང་སྐར་དུས་དྲན་དྲ་རྒྱས་པོ་བྱེད་ཀྱི་ཡོད་པ་མ་རེད། ཅེས་དང་། དེ་རིང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྡོང་འདེབས་འཛུགས་འདི་བཞིན་༸གོང་ས་མཆོག་དང་༸རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩིའི་ཆེད་དུ་དམིགས་པ་ཞིག་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་གནང་སོང་།

ཀརྨ་བཀའ་བརྒྱུད་ན་ལེན་ཌ་དགོན་པའི་འབྲེལ་ཡོད་ལས་བྱེད་པས་བརྗོད་པ་ལྟར་ན་དགོན་པས་འདི་ལོར་དམིགས་བསལ་ཁོར་ཡུག་སྲུང་སྐྱོབ་ཆེད་དགོན་པའི་ལས་ཤག་ཁག་གི་ནང་དུ་དྲོན་སྙོམ་A/C བེད་སྤྱོད་མི་བྱེད་པ་དང་། སྐྱེས་ལྡན་སོ་ནསམ་ལས་བྱུང་བའི་བཟའ་བཅའ་སྤྱོད་ཐབས་བྱེད་པ། རྒྱུན་དུ་ས་གནས་ཀྱི་གད་སྙིག་གཙང་བཟོ་བྱེད་རྒྱུའི་མཚོན་དམིགས་བསལ་འཁོར་ཡུག་སྲུང་སྐྱོབ་ཆེད་༸རྒྱལ་བ་ཀརྨ་པའི་དགོངས་གཞི་ལྟར་འགན་ཁུར་བྱེད་ཀྱི་ཡོད་ཅེས་འདྲེལ་བརྗོད་གནང་སོང་། །
མེ་སོར་གསར་འགོད་པས།