ནང་པའི་བཙུན་མར་བཙན་གཡེམ་བྱས་པ།

སྐབས་དེར་བཙུན་མ་དེ་དྲན་པ་འཐོར་ནས་ས་གནས་སྨན་ཁང་དུ་མྱུར་སྐྱོབ་ཆེད་བསྐྱལ་དགོས་བྱུང་ཡོད་པ་དང་། བཙན་གཡེམ་བྱེད་མཁན་དེ་དག་ས་གནས་ཡུལ་མིས་འཛིན་བཟུང་བྱས་རྗེས་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་འདྲི་ཞིབ་བྱེད་བཞིན་པ་རེད་འདུག

དེ་དང་འབྲེལ་བལ་ཡུལ་མཐའ་མཚམས་མོའུ་རང་ཞེས་པའི་ས་གནས་ནས་ལོ་ན་༡༢ ཅན་གྱི་སློབ་ཕྲུག་བུ་མོ་ཞིག་གིས་ཁོ་མོར་ཟླ་ལྔ་ཙམ་གྱི་སྔོན་ཁོང་གི་དགེ་རྒན་མཱུ་ཀེ་ཤི་ཀུ་མཱར་ཞེས་པས་བཙན་གཡེམ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། དགེ་རྒན་དེས་ཁས་ལེན་མ་བྱས་པར་མཐའ་གཅིག་ཏུ་ཁོ་རང་ཉེས་མེད་ཡིན་པ་དང་། སྨན་ཁང་གི་རྟག་དཔྱད་ལྟར་ཉེས་མེད་ཡིན་པ་ཁུངས་སྐྱེལ་བྱེད་ཐུབ་ཚུལ་བརྗོད་བཞིན་པ་རེད། འོན་ཀྱང་སློབ་ཕྲུག་བུ་མོ་དེས་ཟླ་ཤས་སྔོན་སྨན་ཁང་དུ་རྟག་དཔྱད་བྱས་པའི་ཡིག་ཆ་ལྟར་ན་ཁོ་མོར་མངལ་ཆགས་ཡོད་སྐོར་འཁོད་ཡོད་པ་རེད།།