ཐེ་ཝེན་གྱི་སྲིད་འཛིན་ཟུར་པ་ལ་ཉེས་འཛུགས།
དེ་ནི་ཐེ་ཝེན་གྱི་མི་སྣ་ཆེ་བ་ཞིག་ལ་དཔལ་འབྱོར་གྱི་ཉེས་འཛུགས་བྱས་པ་ཐེངས་གཉིས་པ་འདི་ཆགས་ཡོད་པ་དང་། ལོ་ཤས་སྔོན་ལ་ཐེ་ཝེན་གྱི་སྲིད་འཛིན་ཟུར་པ་ཁྲིན་ཧྲི་པེན་ལ་ཡང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཏེ། ད་ལྟ་ཁོང་ལོ་ ༡༧ གྱིི་བཙོན་འཇུག་གི་ཉེས་ཆད་འོག་ཡོད་པ་རེད། ད་ལྟ་སྐུ་ཞབས་ལྰི་ཏེང་ཧུ་ལ་བཙོན་འཇུག་གི་ཉེས་པ་ཕོག་མེད་ཅིང་ཁོང་གི་ཁྲིམས་རྩོད་པས་གང་མགྱོགས་དེའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།།