རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༩༠ འཁོར་བ།
དམར་ཤོག་ཚོགས་པ་ནས་མུ་མཐུད་དེ་ཁ་གཏད་མེད་པའི་དབང་འགྱུར་བྱེད་པ་ལ་རྒྱ་ནག་གི་ནང་དུ་ལྐོག་ཟ་རུལ་སུངས་རྣམས་མེད་པ་བཟོས་ཏེ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པར་བྱེད་དགོས། གལ་ཏེ་ལྐོག་ཟ་རུལ་སུངས་རྣམས་རྩ་མེད་བཟོ་མ་ཐུབ་པ་ཡིན་ན་མི་དམངས་ཀྱི་ཡིད་ཆེད་དང་རྒྱབ་སྐྱོར་དེ་བརླག་གི་རེད་ཅེས་བརྗོད་ཡོད་པ་རེད།
ཡང་ཁོང་གིས་བརྗོད་དོན། རྒྱ་ནག་དམར་ཤོག་ཚོགས་པ་ནས་ཐོག་མར་གཞུང་བཟུང་བའི་རྗེས་ཀྱི་ལོ་བཅུ་ཕྲག་གཅིག་གི་ནང་དུ་བཅོས་བསྒྱུར་གྱི་ཁྱབ་བསྒྲགས་དང་སྲིད་བྱུས་ཁག་ལག་བསྟར་བྱས་པའི་འོག་ཏུ་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་པ་དེ་ལ་ཚོགས་པ་ནས་བཟོད་སྲན་བྱས་ཡོད་ལ། འདས་པའི་དུས་དེ་དག་གི་ནང་དུ་ཚོགས་པ་ནས་བྱས་པའི་ནོར་འཁྲུལ་ཁག་ལས་བསླབ་བྱ་བླངས་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།།