ཤུལ་ལས་ནང་མིར་ཐུགས་སྨོན་སྐྱབ་འཇུག་གནང་རོགས།

དགོན་སྡེ་དང་ཚོགས་སྡེ་ཁག་ནས་གསོལ་སྨོན་ལམ་དང་བསྔོ་སྨོན་མཆོད་འབུལ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་བྲིས་ཡོད་པ་རེད། དེ་བཞིན་ཞུ་འཕྲིན་དེའི་ནང་ཡབ་བློན་ཆེན་འདས་པོ་ཁོང་གིས་༧གོང་ས་མཆོག་ལ་དད་གུས་ཇི་ལྟར་ཞུས་པ་དང་། བོད་གཞུང་མང་ཚོགས་སྡེ་ཁག་ལ་འབྲེལ་བ་ཇི་ལྟར་ཡོད་པ་བཞིན། མ་འོངས་པར་ཡང་ནང་མི་རྣམས་ནས་ཀྱང་དེ་ལྟར་མུ་མཐུད་ཞུ་རྒྱུ་ཡིན། ནང་མི་རྣམས་ལ་ཡང་སྔར་བཞིན་བྱ་བ་ལམ་ལྷོང་ཡོང་བར་ཐུགས་སྨོན་སྐྱབ་འཇུག་རྒྱ་ཆེ་གནང་རོགས་ཞེས་སོགས་འཁོད་ཡོད་པ་རེད།།