དཀར་མཛེས་སུ་དྲུག་པའི་ཉེར་བཞིའི་ཉིན་ཞི་རྒོལ།

  བོད་ལ་རང་དབང་དགོས།  སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན།  དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག  ཆོས་ཀྱི་ཉི་མ་ནི། བོད་ཁམས་དཀར་མཛེས་རྫོང་། ཁོག་བཙན་དགོན་ཞེས་པའི་གྲོང་ཚོ་དུ་ཕ་ཕུར་བུ་དང་། མ་ཚེ་རིང་སྒྲོལ་མ་གཉིས་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག །