དྲུག་པའི་ཉེར་གསུམ་ཉིན་དཀར་མཛེས་སུ་ཞི་རྒོལ།
དེ་ཡང་༢༠༡༡ ཟླ་༦ པའི་ཚེས་༢༣ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་གཉིས་པ་ཙམ་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། བསོད་ནམས་གྲགས་པ་དང། བློ་བཟང་བསྟན་འཛིན་གཉིས་ཀྱི་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན་ཟེར་བ་སོགས། སྐད་ཤུགས་ཆེན་པོས་ཞི་རྒོལ་སྐད་འབོད་ཁྲོམ་སྐོར་བྱེད་ཞོར་ཡིག་ཆ་མང་པོ་གཏོར་ཡོད་འདུག འོན་ཀྱང་ཁོང་གཉིས་ཀྱི་ཡིག་ཆའི་ནང་བརྗོད་བྱ་གང་ཡིན་གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་ལ་ཉེས་རྡུང་ཚད་མེད་བཏང་ནས་ཤི་མིན་གསོན་མིན་བཟོས་ཏེ་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། སྐབས་དེར་ཁོང་གཉིས་སུ་ཡིན་གསལ་ཁ་མ་ཤེས་ཀྱང་གཅིག་གི་མགོ་ལ་ལྕགས་རྒྱུག་ཚད་མེད་གཞུས་པས་ཕྱི་ཉིན་ཡང་ཁྲོམ་གཞུང་དུ་ཁྲག་གིས་ཚོས་ཡོད་འདུག
རང་ལོ་༢༡ ཡིན་པ་བསོད་ནམས་གྲགས་པ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ལྷོ་པ་ཤང་། འབྲུག་ལང་གྲོང་། ཕ་བསོད་ནམས་དར་རྒྱས་དང་། མ་དབྱངས་དགའ་གཉིས་སུ་ཕྱི་ལོ་༡༩༩༠ ལོར་སྐྱེས།
བློ་བཟང་བསྟན་འཛིན་ནི་། དཀར་མཛེས་རྫོང་། ལྷོ་པ་ཤང་། འབྲུག་ལང་གྲོང་། ཕ་རིག་འཛིན་དཔལ་བཟང་དང་། མ་ཚེ་འདས་ཡ་མ་མཐར་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་༢༦ ཡིན་པ་རེད།།