ལི་བྰི་ཡའི་སྲིད་འཛིན་གྱིས་སྲིད་དབང་མཚམས་འཇོག་དགོས།

གསལ་བསྒྲགས་དེ་ནི་དེ་སྔོན་སྲིད་འཛིན་གཌ་ཌ་ཕི་ནས་བྱང་ཨཊ་ལེཎ་ཊ་སྒྲིག་འཛུགས་ཀྱིས་ལི་བྰི་ཡའི་གཞུང་དམག་ཐོག་མུ་མཐུད་མཁའ་དབྱིངས་ནས་རྒོལ་རྡུང་བཏང་བ་ཡིན་ན་ཡུ་རོབ་ལུང་པའི་ཐོག་ཕར་འཐབ་རྒོལ་བྱེད་རྒྱུ་ཡིན་ཞེས་བརྗོད་པའི་རྗེས་སུ་སྤེལ་བ་ཞིག་ཡིན་པ་རེད།
སི་པེན་གྱི་རྒྱལ་ས་མེཌ་རིཌ་ནང་དུ་ད་ལྟ་ཨ་རིའི་རྒྱ་དོན་དྲུང་ཆེ་ཧི་ལེ་རི་ཀི་ལིཎ་ཊོན་མཆོག་གཞུང་འབྲེལ་གཟིགས་སྐོར་ཕེབས་ཡོད་པ་དང། ཁོང་གིས་དེར་བརྗོད་དོན། སྲིད་འཛིན་གཌ་ཌ་ཕི་ནས་ཕྱི་ཕྱོགས་ལ་ཉེན་བརྡ་གཏོང་བ་ལས་རང་གི་མི་སེར་ཚོའི་མངོན་འདོད་རྣམས་འགྲུབ་པར་བྱེད་རྒྱུ་དེ་གལ་ཆེ་བར་རྩི་དགོས། དེར་བརྟེན་རང་གིས་ལི་བྰི་ཡའི་སྲིད་དབང་བདག་འཛིན་བྱེད་པ་དེ་མཚམས་དགོས་ཞེས་གསུངས་ཡོད་པ་རེད།
དེ་རྗེས་སི་པེན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བརྗོད་དོན། བྱང་ཨཊ་ལེཎ་ཊ་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་སྲིད་འཛིན་གཌ་ཌ་ཕི་ཐོག་ལ་མུ་མཐུད་ནས་གནོན་ཤུགས་སྤྲད་དེ། ལི་བྰི་ཡའི་མི་སེར་ཐོག་ཉེན་ཁ་ཡོད་པ་དེ་མེད་པར་བཟོ་རྒྱུ་རེད་ཅེས་གསུངས་ཡིན་པ་རེད།།