སྐུ་ཞབས་ཞོགས་དུང་གི་སློབ་གསོ་དང་དེའི་འཇུག་འབྲས་ལ་བསམ་གཞིགས་ཀྱི་འཆར་སྣང་།

སྲོལ་རྒྱུན་རིགས་གནས་མཚང་དུ་བསྒྲགས་པ་དེས།།

རིགས་ཞེན་ཚོར་བ་ཟབ་མོའི་ཕ་ས་འཕྲོག།།

རྒྱུ་འབྲས་བག་ཆགས་དུང་ནས་སྤྲུགས་པ་ཡིས།།

ཡ་རབས་བཟང་པོ་སྤྱོད་པའི་ལང་ཚོ་བཅོམ།།

ཁོག་སྟོང་རིགས་ཞེན་ཚོར་བའི་ངར་ཤུགས་ལས།།

ཆགས་སྡང་རྦ་རླབས་དབུ་བ་འཕྱོ་བའི་སྟེང།།

བདེ་སྐྱིད་དཔལ་ཡོན་རོལ་ལ་རེ་བ་ཅན།།

འཇའ་ཚོན་རྒྱན་དུ་མོས་པའི་བྱིས་པ་ཡིན།།