ཧིན་སྒོར་བྱེ་བ་འབུམ་གཅིག་གི་རྒྱ་གར་ལྷ་ཁང།

དངོས་རྫས་དེ་དག་གི་ནང་དུ་ཡོད་པའི་རིན་ཐང་ཆེ་བ་ཡོད་པ་ཁག་ནི་སྔར་རྒྱ་གར་དབྱིན་ཇི་གཞུང་སྐབས་ནས་ཡིན་པའི་གསེར་ཊམ་ཀི་ལོ་སྟོང་གཅིག་དང། གསེར་གྱི་སྔོ་ནེ་ཀི་ལོ་སྟོང་གཅིག  འབར་མ་དང་ཤྲི་ལངྒ་ནས་ཁྱེར་བའི་རྡོ་རྗེ་ཕ་ལམ་ཙྭ་ཕད་གཅིག་གང། དེ་བཞིན་རིན་ཐང་ཆེ་བའི་རྒྱན་ལས་སྤྲས་པའི་ལྷ་ཁྱབ་འཇུག་གི་གསེར་སྐུ་ཕི་ཊ་གསུམ་དང་ཕྱད་བཅས་ཡིན་པ་རེད།

ཀེ་ར་ལའི་མངའ་སྡེ་བློན་ཆེན་ཨུམ་མེན་ཅན་ཌི་(Oommen Chandy)མཆོག་གིས། དངོས་རྫས་དེ་རྣམས་ལྷ་ཁང་དེ་ཉིད་ལ་དབང་ནས། ལྷ་ཁང་དེའི་ནང་དུ་འཇོག་རྒྱུ་ཡིན་པ་དང། དེ་དག་ལ་ཚོུད་ ༢༤ རིང་སྲུང་སྐྱོབ་བྱེད་པའི་ཕྱིར་གཏན་འཇགས་སྐོར་སྲུང་བ་འཇོག་གི་ཡིན་ཞེས་གསུངས་ཡོད་པ་རེད།།