ཐེ་ལན་ཌིའི་བུད་མེད་སྲིད་བློན་དང་པོ།

yingluck shinawatraཁོང་ནི་ཐེ་ལན་ཌིའི་སྲིད་བློན་ཟུར་པ་ཏཀ་སིཎ་ཤི་ན་ཝ་ཊྲ་(Thaksin Shinawatra)མཆོག་གི་གཅུང་མོ་ཡིན་པ་དང་། ཕྱི་ལོ་༢༠༠༦ ནང་སྐུ་ཞབས་ཏཀ་སིཎ་ཤི་ན་ཝ་ཊྲ་མཆོག་ལ་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་བསྐྱར་ཏུ་ཐེ་ལན་ཌིའི་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་ནའང་དམག་མིའི་གྱེན་ལངས་ཀྱིས་སྲིད་དབང་འཕྲོག་པའི་རྗེས་ཕྱིར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་སྟེ་ད་དུང་ཡང་རང་གི་ལུང་པར་ལོག་ཐུབ་ཀྱི་མེད་པ་རེད། ཐེ་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ས་མིག་༥༠༠ ཐམ་པ་ལས་ལྕམ་ཡཱིང་ལཀ་ཤི་ན་ཝ་ཊྲ་མཆོག་གི་ཚོགས་པ་ལ་༢༦༡ ཐོབ་ཡོད་པ་དང་ད་ལྟ་བར་དུ་གཞུང་འཛིན་མཁན་མང་གཙོ་ཚོགས་པ་ལ་༡༦༢ མ་གཏོགས་ཐོབ་མེད་པ་རེད། མང་གཙོ་ཚོགས་པའི་ཚོགས་གཙོས་ལྕམ་ཡཱི་ལཀ་ཤི་ན་ཝ་ཊྲ་མཆོག་ལ་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཡོད་པ་རེད།།