གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར།

མི་མང་༢༠༠ ལྷག་ས་གནས་གཞོན་ནུའི་ལས་ཁང་མདུན་ཐང་དུ་འདུ་འཛོམས་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་ཐོག་ས་གནས་གཞོན་ནུའི་ཚོགས་གཙོ་གཅུང་ལགས་ཀྱིས་གཞིས་བཞུགས་སྤུན་རྣམས་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་མི་མང་ལ་དྲན་གསོ་དང་གསལ་བཤད་བྱས་རྗེས་མར་མེ་ཁྲོམ་སྐོར་གྱིས་རྫོགས་ཆེན་དགོན་པ་བར་དུ་ཕྱིན་ཡོད་པ་དང་། དེ་ནས་རྫོགས་ཆེན་དགོན་པའི་དབུ་བཞུགས་མཁན་ལས་དགེ་འདུན་པ་རྣམས་དང་མཉམ་འཛོམས་ཀྱིས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྐུ་ཚེ་ལ་བར་ཆད་མེད་པ་དང་བསམ་དོན་ཡིད་བཞིན་འགྲུབ་པར་ཆོས་ཕྱོགས་ཀྱི་གསོལ་འདེབས་རིམ་གྲོ་བྱས། དེ་ནས་སླར་ཡང་ས་གནས་གཞོན་ནུའི་ལས་ཁང་མདུན་ཐང་བར་ཞི་བའི་གོམ་བགྲོད་བྱས་ནས་ལས་འགུལ་མཇུག་བསྡོམས་བྱས་ཡོད་འདུག

མེ་སོར་གསར་འགོད་པས།