ཨ་རིའི་རང་བཙན་ཉིན་མོ་སྲུང་བརྩི།
ཨ་རི་སྲིད་འཛིན་ཨོ་བྷ་མའི་ནང་མིས་ཨ་རིའི་མི་ཁག་གཅིག་ལ་ཕོ་བྲང་དཀར་པོར་དགོང་དྲོའི་གསོལ་ཚིགས་དང་རོལ་དབྱངས་དུས་སྟོན་དུ་མགྲོན་འབོད་གནང་སྟེ་ཁོ་ཚོར་བརྗོད་དོན། ཨ་རིའི་ལུང་པ་འདི་ཁྱེད་ཚོ་ཚང་མར་སྤོབས་པ་ཡོད་པ་རེད་ལ། ད་ལྟ་བར་དཔའ་བོའི་རྒྱུན་ཟམ་མ་ཆད་པའི་སྐུ་ཚབ་མཚོན་གྱི་ཡོད་པ་དང་སྔོན་གྱི་དཔའ་བོ་དེ་དག་གིས་རང་དབང་གི་དོན་དུ་རང་སྲོག་བློས་བཏང་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པ་ལ་བརྟེན་ནས་དེ་རིང་ང་ཚོས་རང་དབང་ལོངས་སུ་སྤྱོད་ཐུབ་པ་དེ་བྱུང་བ་རེད་ཅེས་གསུངས་ཡོད་པ་རེད།།