ཁམས་རྟའུ་རུ་འཁྲུངས་སྐར་སྲུང་བརྩི་དང་ཞི་རྒོལ་སྐད་འབོད།
ད་ལོའི་འཁྲུངས་སྐར་ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་༤ པ་ཙམ་ལ་རྒྱ་གཞུང་གིས་དྲག་ཆས་དམག་མི་ལྔ་བརྒྱ་ལྷག་གིས་ལག་ཏུ་མེ་མདའ་བཟུང་ནས་རྨ་ཆེན་སྦོམ་རའི་མཐའ་འཁོར་ཀུན་དུ་བསྐོར་ནས་ཡོད་པའི་སྐབས། ས་གནས་དེ་གའི་རི་རྩེར་ཡོད་པའི་ཨ་ནེ་དགོན་པ་གཉིས་ཀྱི་བཙུན་མ་སུམ་བརྒྱ་ལྷག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་ཐོག་ནས་རི་རྩེ་ནས་མར་ཡོང་ནས་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་ཆོས་དད་རང་དབང་དགོས་སོགས་ཀྱི་སྐད་འབོད་བྱེད་སྐབས། རི་འདབས་ནས་སེར་སྐྱ་མི་མང་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་འབོད་ཚིག་དེ་བཞིན་ཆུ་ཚོད་ལྔའི་རིང་སྐད་འབོད་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ནམ་རྒྱུན་བསང་གསོལ་བྱེད་སར་བསང་གསོལ་བྱེད་དུ་བཅུག་ཡོད་པ་མ་རེད། དེའི་རྗེས་ཀྱི་གནས་ཚུལ་ད་ལྟ་གསལ་པོ་མེད་པ་རེད་ཅེས་དགའ་བྱང་ཏྲེ་ཧོར་གྲྭ་ཡ་མ་ཚེ་རིང་གིས་འགྲེལ་བརྗོད་གནང་སོང་།།