རྒྱ་གར་ནི་པཱ་ཀི་སི་ཐན་གྱི་ཁྱིམ་མཚེས་གལ་ཆེ་ཤོས་དེ་ཡིན།

དེ་ལ་རྒྱ་གར་ནས་ཕན་ནུས་ལྡན་པའི་གུ་ཡངས་ཀྱི་འགན་ཁྱེར་ཏེ་པྰ་ཀི་སི་ཐན་གྱི་རྒྱལ་སྲུང་ལ་འཕྲད་བཞིན་པའི་དངོས་ཡོད་ཀྱི་གནད་དོན་དེ་ལ་ལན་འདེབས་སྤྲད་དགོས། པྰ་ཀི་སི་ཐན་གྱི་ཕྱོགས་ནས་རྒྱ་གར་དང་དུས་རབས་གསར་པ་ཞིག་འགོ་འཛུགས་བྱེད་འདོད་ཡོད་པ་དེར་མ་འདང་བ་གང་ཡང་མེད། ༢༠༠༨ ལོར་དོན་རྐྱེན་བྱུང་བའི་རྗེས་པྰ་ཀི་སི་ཐན་རང་གི་ཁེ་ཕན་ལ་གཞིགས་ཏེ་གང་ཐུབ་ཀྱིས་འཇིགས་སྐུལ་བ་རྣམས་མེད་པར་བཟོ་རྒྱུར་ཐབས་ཤེས་བྱས་ཡོད། ང་ཚོའི་ངོས་ནས་ལུང་པ་གཞན་དང་མཉམ་འབྲེལ་གྱིས་རང་གི་ས་ཐོག་ཏུ་གཞན་ལ་འཚེ་བའི་འཇིགས་སྐུལ་ཚོགས་པ་རྣམས་མེད་པར་བཟོ་བའི་ཆོད་སེམས་བརྟན་པོ་བཟུང་ཡོད། ང་ཚོའི་ཁྱིམ་མཚེས་ལུང་པ་གཞན་ཚང་མ་དང་ཡང་མཉམ་དུ་འཇིགས་སྐུལ་བའི་རྩ་བ་རྣམས་མེད་པ་བཟོས་ཏེ་ཁུལ་དེར་ཞི་བདེ་ཡོང་བའི་འབད་བརྩོན་བྱེད་རྩིས་ཡོད། ཨབ་གྷ་ནི་སི་ཐན་གྱི་ནང་དུ་ཞི་བདེ་ཡོང་རྒྱུ་དེ་ནི་པྰ་ཀི་སི་ཐན་གྱི་ཁེ་ཕན་ཡང་ཡིན་ལ། དེར་བརྟེན་ཨབ་གྷ་ནི་སི་ཐན་དེ་སུས་ཀྱང་ཐེ་གཏོགས་མེད་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡོང་བའི་འདོད་པ་ཡོད། ང་ཚོ་དང་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནང་དུ་འཇིགས་སྐུལ་པའི་གནད་དོན་འབྱུང་པ་དེ་ནི་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ཨབ་གྷ་ནི་སི་ཐན་དུ་དམག་འཁྲུག་བྱུང་བ་དེ་མཚམས་འཇོག་ཡག་པོ་མ་བྱས་པའི་རྐྱེན་གྱིས་ད་རེས་རྒྱལ་ནང་དང། ལུང་པ་ཕན་ཚུན་བར། དེ་བཞིན་འཛམ་གླིང་ནང་དུ་རྗེས་ངན་དེ་དག་ཡོང་གི་ཡོད་རེད་ཅེས་གསུངས་ཡོད་པ་རེད།།