ཨ་རིའི་གཞུང་འབྲེལ་མི་སྣ་དང་༧གོང་ས་མཆོག་མཇལ་འཕྲད།

དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཆེད་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པའི་སྐོར་ལ་བཀའ་མོལ་བྱུང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་རྒྱ་ནག་མཉམ་དུ་འཚེ་མེད་པའི་ཞི་བའི་ལམ་ནས་གྲོས་མོལ་གནང་བཞིན་པ་དེར་བསྔགས་བརྗོད་ཞུས་ཡོད་པ་རེད།

 

ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་པ་ཚོས་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་དགོས་པའི་འབོད་སྐུལ་ཞུས་ཡོད་ནའང་། ཨ་རིའི་སྲིད་འཛིན་གྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་ད་ལྟ་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

 

རྒྱ་ནག་གིས་ཕྱི་སྲིད་བློན་ཆེན་གཞོན་པས་ཨ་རིའི་དཔོན་རིགས་ཚོས་༧གོང་ས་མཆོག་དང་མཇལ་འཕྲད་གནང་སྟེ། ཨ་རྒྱ་གཉིས་བར་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་དང་། ༧གོང་ས་མཆོག་གིས་རྒྱ་ནག་ཁ་བྲལ་གྱི་ཕྱག་ལས་གནང་གི་ཡོད་སྐོར་རྒྱ་ནག་གཞུང་ག་འཆར་ཅན་གྱི་གསལ་འགོད་བསྒྲགས་ཐོག་བརྗོད་ཡོད་རེད།