ཏྲེ་ཧོར་དར་རྒྱས་དགོན་པའི་གྲྭ་པ་གཉིས་འཛིན་བཟུང་བཙོན་འཇུག

ད་ལྟའི་ཆར་ཁོང་གཉིས་གར་ཡོད་ཤེས་རྟོགས་བྱུང་མི་འདུག་པ་དང་ཁོང་གཉིས་ལ་ནག་ཉེས་ཅི་ཡོད་ཀྱང་གསལ་ཁ་གང་ཡང་མི་འདུག གོང་ཚེས་ཉིན་ཞི་གསེར་ཤང་ཏུ་དཀར་མཛེས་རྫོང་གི་ཉེན་རྟོག་པ་དང་།  ལས་བྱེད་མང་པོ་ཞིག་ཡོང་སྟེ།  བཀྲ་ཤིས་དར་རྒྱས་དགོན་དུ་ཡོད་པའི་རྒྱ་གར་ནས་ཕྱིར་ཡོང་བའི་དགེ་འདུན་པ་རྣམས་བསྡུ་རུབ་བྱས་རྗེས་སུ་ཁོང་གཉིས་མ་གཏོགས་གྲྭ་གཞན་རྣམས་རེ་རེ་བཞིན་ཕྱི་ལ་བཏང་ཡོད་འདུག


རང་ལོ་༣༥ ཡིན་པ་བློ་བཟང་ཆོས་འབྱོར་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཞི་གསེར་ཤང་། རུ་མདའ་གྲོང་ཚོ་ནས་ཕ་བློ་བཟང་ཆོས་དར་དང་།  མ་རྡོ་རྗེ་མཁའ་འགྲོ་གཉིས་སུ་ཕྱི་ལོ་༡༩༧༦ ལོར་སྐྱེས།  བྱམས་པ་དབང་ཕྱུག་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཞི་གསེར་ཤང་། ཟིན་བེན་གྲོང་ནས་ཕ་བསོད་རྒྱལ་དང་། མ་ཚེ་རིང་དབྱངས་མཚོ་གཉིས་སུ་ཕྱི་ལོ་༡༩༦༣ ལོར་སྐྱེས་ཤིང་། ད་སྐབས་རང་ལོ་༤༨ ཡིན་འདུག  ཁོང་གཉིས་ཕྱི་ལོ་༡༩༩༠ ཡས་མས་སུ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་ལོ་བཅུ་མ་ཟིན་ཙམ་རེ་སློབ་སྦྱོང་བྱས་ནས་ཕྱི་ཕ་ཡུལ་དུ་ལོག་པ་ཞིག་ཡིན་འདུག།།

གནས་ཚུལ་མཁོ་གཏོང་བ་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང།