བྱང་ཨེ་ཊི་ལན་ཊིག་སྒྲིག་འཛུགས་ལ་རཱ་ཤི་ཡའི་ཉེན་བརྡ།

བྱང་ཨེ་ཊི་ལན་ཊིག་སྒྲིག་འཛུགས་ཀྱི་དམག་དོན་ལས་ཀ་དེ་ལི་བྷི་ཡ་ནང་མགྱོགས་མྱུར་ངང་མཚམས་ཆོད་རྒྱུ་དཀའ་བ་མ་ཟད། ད་ཐེངས་ཀྱི་རྩོད་རྙོག་དེས་ཕྱོགས་གཉིས་ཐད་ཀྱི་མི་མང་ཉེས་མེད་མང་པོ་རྐྱེན་ལམ་དུ་འགྲོ་བཞིན་པར་སོང་། བྱང་ཨེ་ཊི་ལན་ཊི་གྲོས་དོན་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ཀྱི་གཞུང་འབྲེལ་བཀའ་ཁྱབ་འོག་ལི་བྷི་ཡའི་མི་སེར་རྣམས་སྲུང་སྐྱོབ་བྱེད་དགོས་པ་དང་། གྷ་དྷ་ཧྤིའི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཞིག་ཆགས་ཡོད་པ་རེད་ཅེས། ནུབ་ཕྱོགས་པས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། དེ་ནི་གྷ་དྷ་ཧྥི་ཡིས་མ་ཡིན་ཡིན་མདོག་གི་བྱ་སྤྱོད་དེ་མཚམས་ཆད་ཅིང་ཡུལ་དེའི་མི་སེར་ཚོའི་ཚེ་སྲོག་བདེ་ཐང་ངང་འཚོ་གནས་ཐུབ་པ་ཞིག་མ་བྱུང་བར་དམག་མཚམས་འཇོག་གི་མིན་ལུགས་བཤད་འདུག། རཱ་ཤི་ཡ་པྱོགས་ནས་ཀྱང་ཕྱོགས་གཉིས་ཀར་འགྲོ་བ་མིའི་བདེ་རྩའི་ཆེད་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད། ཅེས་གཟུགས་མཐོང་བརྙན་འཕྲིན་ནང་དུ་བཤད་ཡོད་པ་རེད།

ལི་བྷི་ཡཱ་རུ་གྱེན་ལོག་ཚོགས་པའི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་སའི་ནུབ་ཕྱོགས་ཧྲིལ་པོ་ཟིན་ཡོད་ཅིང་། རེས་གཟའ་ལྷག་པ་ཉིན་ལི་བྷ་ཡཱའི་རྒྱལ་སའི་ལྷོ་ཤར་ཕྱོགས་དེ་འཛིན་རྒྱུ་ཡིན་ཞེས་བརྗོད་བཞིན་ཡོད་པ་དང་། མེ་ཤུགས་འཕུར་མདའ་སོགས་མཚོན་ཆ་འདྲ་མིན་འོག་མི་མང་ཤིན་རྨས་མང་པོ་འགྲོ་བཞིན་ཡོད་པ་རེད། རྒྱལ་ཚོགས་ཀྱིས་འཛམ་གླིང་བཟའ་བཅའི་ལས་རིམ་ཐོག་ནས་ཡུལ་དེའི་མི་མང་ཚོར་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་ཀྱང་ཁྲོམ་རའི་དངོས་ཟོག་དེ་ཚད་གཞི་ངེས་ཅན་ལ་བརྟེན། ད་དུང་ས་ཁུལ་ཁ་ཤས་ལ་དགོས་ངེས་ཀྱི་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་སྤྲོད་ཐུབ་ཀྱི་མེད་པ་རེད། དེ་ལྟ་བུའི་དྲག་རྒོལ་འཁྲུག་འཛིངས་དེས་གྷ་དྷ་ཧྥིའི་དམག་དོན་གྱི་གལ་གནད་ཆེ་བའི་ཤར་ཕྱོགས་ཀྱི་ས་གནས་ཁག་རྩ་འཐོར་དུ་འགྲོ་བཞིན་ཡོད་པ་རེད།

ཧྤ་རན་སི་ཡིས་ཡུལ་དེའི་ཕྱོགས་འགལ་ཚོགས་པར་རང་སྲུང་ཆེད་དུ་མཚོན་ཆ་མཁོ་སྤྲོད་བྱས་པ་ངོས་ལེན་བྱས་ཡོད་པ་དང། རཱ་ཤི་ཡས་ཧྤི་རན་སིའི་ཕྱོགས་འགལ་ཚོགས་པར་གོ་མཚོན་སྤྲད་པ་དེ་ནི་རྒྱལ་ཚོགས་ཀྱི་ཐག་གཅོད་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་ལན་འདེབས་བྱས་ཡོད་པ་མ་ཟད། དེའི་ཐད་རེས་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་གསང་བའི་ལས་ཁུངས་ཀྱིས་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད་འདུག །