མཉམ་འབྲེལ་གྱིས་ཡུ་རོབ་ལྷན་ཚོགས་གསར་འཛུགས།

  དེ་ཡང་མི་རིགས་བཞི་པོ་སོ་སོའི་གོམས་གཤིས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་ཐོག་རྒྱ་དམར་སྲིད་གཞུང་འོག་ནས་གཞི་རྩའི་རང་དབང་འཐབ་རྩོད་བྱ་རྒྱུ་ཡིན་པ་རེད།

ལྷན་ཚོགས་དེའི་རྒྱུན་ལས་ཚོགས་མི་རྣམས་ཀྱི་ཁྲོད། སོག་པོའི་མི་རིགས་ཛི་ཧ་ཡི་མིང་ཚོགས་གཙོ་དང། ཚོགས་གཞོན་བོད་མི་བློ་བཟང་དབང་འདུས་དང་ཡུ་གུར་མི་རིགས་གཅིག དྲུང་ཆེ་དང་དངུལ་གཉེར་རྒྱ་མི་རིགས་གཉིས་བཅས་གཏན་ཁེལ་ཡོད་པ་རེད། ལྷན་ཁང་དེའི་ལས་རྟགས་ཐོག་གི་ཚོན་དཀར་པོ་བོད་དང། སེར་པོ་རྒྱ་ནག སྔོ་དཀར་ཡུ་གུར། སྔོ་ནག་སོག་པོ་བཅས་ཀྱི་མཚོན་རྟགས་ཡིན་པ་རེད།

ལྷན་ཚོགས་དེའི་འབོད་ཚིག་ནི། རང་དབང་དང། འདྲ་མཉམ། བརྩེ་སེམས། རིག་གཞུང། རང་བྱུང། ཞི་བདེ་བཅས་ཡིན་པ་རེད།།