རྒྱ་ནག་ནང་ཅ་དངོས་ཀྱི་རིན་གོང་འཕར་བ།

རྒྱ་ནག་ཞིབ་རྩིས་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟས་རིགས་ཁོ་ནའི་རིན་གོང་དེ་ ༡༤% ལྷག་ཙམ་འཕར་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། གནད་དོན་ཉམས་ཞིབ་པ་ཚོས་གལ་ཏེ་རིན་གོང་ཇེ་མཐོར་འགྲོ་བ་དེ་འགོག་མ་ཐུབ་ཚེ་རྒྱ་ནག་གི་བརྟན་ལྷིང་ལ་ཉེན་ཁ་ཡོད་པ་བརྗོད་ཀྱི་ཡོད་པ་རེད། ཟླ་བ་སྔོན་མའི་ནང་དུ་ཕག་ཤའི་རིན་གོང་དེ་སྔ་ལོ་ལས་ ༥༧%  ལྷག་ཙམ་འཕར་ཡོད་པ་དང་། ཉེ་བའི་ནང་ས་ཞིང་འདེབས་ལས་ཁུལ་དུ་རང་བྱུང་གི་གནོད་འཚེ་བྱུང་བའི་རྐྱེན་གྱིས་ཟས་རིགས་ཀྱི་ཐོན་སྐྱེད་ལའང་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད།།