རྒྱ་གར་གཞུང་གི་བློན་ཆེན་ལྷན་ཚོགས་གསར་བརྗེ།
ཡིན་ནའང་ནང་སྲིད་དང། དཔལ་འབྱོར། བདེ་སྲུང། ཕྱི་སྲིད་བཅས་ཀྱི་བློན་ཆེན་ལས་ཐོག་རྣམས་འགྱུར་བ་མ་བཏང་པར་བཞག་ཡོད་པ་ལས། བློན་ཆེན་གཞན་ཚང་མ་གསར་པ་བསྐོ་བཞག་བྱས་ཡོད་པ་རེད།
འདས་པའི་ཟླ་ཤས་ཀྱི་རིང་རྒྱ་གར་དབུས་གཞུང་གི་བློན་ཆེན་གསུམ་ཙམ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བར་བརྟེན། ད་ལྟ་ལས་གནས་དེ་དག་གི་ས་དམིགས་སྟོང་པ་རྣམས་སྐོང་བའི་ཆེད་དང། ལོ་རྗེས་མའི་ནང་རྒྱ་གར་གྱི་མངའ་སྡེ་ཆེ་བ་གསུམ་དང་ཆུང་བ་གསུམ་བཅས་དྲུག་གི་ནང་འོས་བསྡུ་ཡོང་རྒྱུ་ཡིན་པར་བརྟེན། ཀོང་རེ་སི་ཚོགས་པའི་སྣེ་ཁྲིད་པའི་ཤོག་ཁག་ལ་དེ་སྐབས་རྒྱལ་ཁ་ཐོབ་ཕྱིར་ས་ཁུལ་དེ་དག་ནས་ཡིན་པའི་མི་སྣ་གལ་ཆེ་བ་འགའ་ཤས་ལ་བློན་ཆེན་གྱི་གོ་གནས་སྤྲད་པ་ཡིན་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།