རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་སྲིད་ཇུས་གཉིས་ལ་ངོ་རྒོལ་ཡོད།

སྐབས་དེར་ལས་འགུལ་བ་ཚང་མའི་གྱོན་ཆས་ནག་པོ་གྱོན་ཡོད་པ་དང་། དེ་ནི་རྒྱ་ནག་གིས་བོད་ལ་བཙན་གནོན་བྱས་པར་མྱ་ངན་མཚོན་ཆེད་དུ་ཡིན་ཞེས་ལས་འགུལ་གོ་སྒྲིག་པས་འགྲེལ་བརྗོད་བྱས་སོང་།

sft_13_7_2011_dasaལས་འགུལ་གོ་སྒྲིག་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ༢༠༡༡ ལོའི་ཟླ་༧ པའི་ཚེས༡༣ ཉིན།   ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་གཉིས་ཏེ།  རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༩༠ འཁོར་བའི་དུས་དྲན་དང་།   བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་བྱས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ངྷ་ས་ཉིན་མོའི་སློབ་གྲྭའི་བར་ཞི་བའི་ཁྲོམ་སྐོར་གྱི་ལས་འགུལ་འདི་སྤེལ་གྱི་ཡོད།

དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། “བོད་ཞི་བས་བཅིངས་གྲོལ་བཏང་ནས་མི་ལོ་༦༠ འཁོར་བ་ཟེར་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱལ་ཁབ་དེ་ཁྲིམས་མཐུན་མ་ཡིན་པར་བཙན་འཛུལ་བྱས་པ་དེ་ཁོང་ཚོས་ཁྲིམས་མཐུན་དུ་བཟོ་འདོད་པ་དེ་རེད་ལ།    བོད་མི་ཚོས་དུས་རྟག་ཏུ་བོད་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་ལ་ངོས་ལེན་གནང་མེད་པ་མ་ཟད།  བཙན་དབང་དང་གཉའ་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་མེ་ལྕེ་དེ་ས་བྱི་ཞི་རྒོལ་ནས་རིམ་བཞིན་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་ཁྱབ་ཡོད། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་ལ་བདག་པ་དང་བོད་ཀྱི་གནས་བབ་ཡར་རྒྱས་ཡོད་སྐོར་གྱི་དཔེ་དེབ་<<རྒྱབ་ཤ་དཀར་པོ་>>ཞེས་པ་ཞིག་ཡང་བསྐྱར་བཏོན་པ་དེ་ཡང་རྫུན་གཏམ་དང་ཧམ་སེམས་ཀྱིས་བྲིས་པ་ཞིག་ཡིན་པས་ངོས་ལེན་བྱེད་ཐུབ་མེད་”ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་དུས་དྲན་སྲུང་བརྩིའི་གྲ་སྒྲིག་དང་ལས་གཞི་ཁག་གི་ཆེད་དུ་ཟླ་གཅིག་ལྷག་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འགྲོ་བསྐྱོད་ཆོག་པའི་ཐོངས་ཆེན་སྤྲད་མེད་པ་དང་།  དེ་ཡང་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་མི་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཟླ་༧ པའི་ཟླ་དཀྱིལ་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མི་སྣ་ཁ་ཤས་ཕྱི་རྒྱལ་གྱི་མགྲོན་པོ་ཚོ་དང་ལྷན་དུ་ལྷ་ས་ལ་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་དང་།   སྐབས་དེར་རྒྱ་ནག་གཞུང་གིས་དམག་མིའི་སྦྱོང་བརྡར་ཞིག་ཀྱང་བྱེད་རྒྱུ་རེད་འདུགས་པས།  དེས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཤུགས་ཆེ་རུ་གཏོང་ངེས་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཇིགས་བྲལ་ལགས་ཀྱིས།  “བོད་ཨ་མདོ་རྔ་པ་དང་ཁམས་དཀར་མཛེས་ནང་ཁྱབ་བཞིན་པའི་ཞི་རྒོལ་གྱི་རྦ་རླབས་དྲག་པོ་དེ་དང་ལྷན་དུ་ང་ཚོས་རྒྱ་ནག་གཞུང་གི་དྲག་གནོན་དང་བཙན་དབང་ལ་ཕྱོགས་པའི་སྲིད་ཇུས་ལ་བོད་ནང་གི་བོད་མི་ཚོའི་གདོང་ལེན་གྱི་རྣམ་པ་གསར་པ་ཞིག་མཐོང་ཐུབ་ཀྱི་འདུག་ལ།  རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཨ་མདོ་རྔ་པ་དང་ཁམས་དཀར་མཛེས་ནང་གི་དྲག་གནོན་གྱི་ལས་འགུལ་གང་མགྱོག་མཚམས་འཇོག་བྱེད་དགོས་པ་མ་ཟད།  ཉེ་ཆར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁྲོད་བཙོན་འཇུག་བྱས་པའི་བོད་མི་ཡོངས་རྫོགས་མྱུར་དུ་གློད་གྲོལ་གཏོང་དགོས།”ཞེས་བརྗོད་ཡོད་པ་རེད།

sft_13_7_2011_dharamsalaཨ་མདོ་རྔ་པའི་ནང་གི་ཞི་རྒོལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས།   ཟླ་༤ བའི་ཚེས་༢༡ ནས་ཁམས་དཀར་མཛེས་ནང་གི་ཞི་རྒོལ་གྱི་ལས་འགུལ་ཁག་ཀྱང་ཕྱི་ལོགས་སུ་ཁྱབ་སྤེལ་འགྲོ་བར་བཀག་སྡོམ་ཤུགས་ཆེར་བྱས་ཡོད།  ས་ཁུལ་དེར་ཟླ་༦ པའི་ཚེས་༦ ནས་ཡང་བསྐྱར་རང་དབང་རང་བཙན་དགོས་པ་དང་།  ས་གནས་ཀྱི་ཆབ་སྲིད་བཙོན་པ་བླ་ཆེན་ཁག་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་བོད་ནང་དུ་གདན་ཞུ་དགོས་པ་ལ་སོགས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

ཁམས་དཀར་མཛེས་ས་ཁུལ་ལ་མཚོན་ན་ད་ཆ་རྒྱ་ནག་གཞུང་གི་ཤུགས་ཆེའི་དམ་དྲག་འོག་གནས་ཡོད་པ་མ་ཟད།  ས་གནས་དེར་ཞིབ་བཤེར་ས་ཚིགས་གང་མང་བཙུགས་ཏེ་བོད་མི་ཚོར་རྒྱ་ནག་གི་ཐོབ་ཐང་ལག་ཁྱེར་དང་། སྡོད་གནས་ལག་ཁྱེར་སོགས་སྟོན་དགོས་པའི་དགོས་འདུན་འདྲ་མིན་བཏོན་ནས། བོད་མི་ཚོའི་འགྲོ་སྡོད་ལ་དོགས་ཟོན་དང་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལ།  ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ།  ཤེས་ཡོན་དང་།  འཚེ་མེད་ཞི་བའི་ལས་འགུལ།  གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་ལ།  ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ། ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

{jcomments on}