རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་འཆར་གཞི་བཟོ་ཡི་ཡིན།
རྒྱ་ནག་གི་ནང་ལ་འགྲོ་མིའི་ཐོབ་ཐང་ནི་ཚོར་ཤུགས་ཆེ་བའི་བརྗོད་གཞི་ཞིག་ཡིན་པ་དང། ནུབ་ཕྱོགས་པའི་ལུང་པ་ཚོས་རྒྱུན་དུ་རྒྱ་ནག་གཞུང་དྲང་པོ་མིན་བརྗོད་བྱེད་ཀྱི་ཡོད་པ་དེར་སྐྱོན་འཛུགས་བྱས་པ་དང་སྦྲགས། ཁོང་ཚོས་འདས་པའི་ལོ་བཅུ་ཕྲག་གསུམ་གྱི་རིང་ལ་མི་སེར་ས་ཡ་མང་པོ་དབུལ་འཕོང་ལས་བསྐྱབས་པའི་བྱས་རྗེས་ཡོད་སྐོར་བཤད་ཡོད་པ་རེད། ད་རེའི་འཆར་གཞི་དེ་ནི་འདི་ལོའི་མགོ་སྟོད་དུ་གཞུང་དང་ལྟ་བ་མི་མཐུན་པའི་ཁྲིམས་རྩོད་པ། ལས་འགུལ་བ་སོགས་ཀྱི་ཐོག་ལ་གཞི་རྒྱ་ཆེ་བའི་དམ་དྲག་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང། འཆར་གཞི་ལག་བསྟར་གྱི་དུས་ཡུན་ནི་ ༢༠༡༢ ནས་ ༢༠༡༥ ཡིན་ཞིང། དེའི་དམིགས་ཡུལ་གཙོ་ནི་མང་གཙོ་ཁྱབ་ཆེ་རུ་དང། ཁྲིམས་ཀྱི་དབང་སྒྱུར་ལེགས་སུ་གཏོང་རྒྱུ། མི་དམངས་ཀྱི་འཚོ་ཐབས་ཡར་རྒྱས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་ཞེས་རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱི་དཔོན་རིགས་དེས་གསུངས་ཡོད་པ་རེད།།
{jcomments on}