ཆོས་ཁྲིམས་དང་འགལ་བའི་མཁན་པོ་བསྐོ་བཞག་བྱས་འདུག་ཟེར།

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་རྒྱ་ནག་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་། དེ་ནི་ཡི་ཤུའི་ཆོས་དཔོན་ལ་དད་གུས་དང་། ཆོས་ལུགས་ལ་སྲུང་སྐྱོབ་དང་སྦྲགས་གཞུང་གིས་ཡི་ཤུའི་ཆོས་ལུགས་ཀྱི་མཁན་པོ་བཀའ་འཁྲོལ་གནང་བ་ཐེངས་གསུམ་པ་དེ་ཆགས་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་པ་རེད། ཡི་ཤུའི་ལྟ་གྲུབ་དང་། དད་འདུན་གྱི་ཕྱོགས་ནས་བཤད་ན་ཆོས་ལུགས་ཀྱི་མཁན་པོ་ཞིག་བསྐོ་བཞག་བྱེད་དགོས་ན་བླ་ཆེན་པོབ་ཀྱི་བཀའ་འཁྲོལ་ལམ་མཚན་གནས་རྗེས་འབྲེལ་ངེས་པར་དགོས་ཀྱི་ཡོད་ནའང། ད་ཐེངས་རྒྱ་ནག་གིས་བྱེད་སྟངས་དེ་ནི་ཡི་ཤུའི་བླ་ཆེན་པོབ་ལ་འབྲེལ་བ་མ་བྱས་པར་ཆོས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་སྤེལ་ཡོད་པ་རེད། དེའི་ཐད་ཡི་ཤུའི་ཆོས་ལུགས་པ་ཚོས་མོས་མཐུན་བྱེད་ཐུབ་ཀྱི་མེད་པ་དང་། གནས་ཚུལ་དེ་ལ་བརྟེན་ནས་ཡི་ཤུ་རྗེས་འབྲང་པ་དག་གིས་ཁྲིམས་འགལ་གྱིས་བཞག་པའི་མཁན་པོ་དེ་ཕྱིར་འབུད་གཏོང་སྲིད་པ་ཞིག་ཆགས་ཡོད་འདུག

ད་སྐབས་བླ་ཆེན་པོབ་ཀྱི་མཚན་གནས་རྗེས་འབྲེལ་མེད་པའི་མཁན་པོ་དེ་རྒྱ་ནག་གི་གནོན་ཤུགས་འོག་ཏུ་གནས་ཡོད་པ་དང་། རྒྱ་ནག་གིས་བྱེད་སྟངས་དེ་ནི་ཆོས་ལུགས་ལ་གུས་བཀུར་མ་བྱས་པས་མ་ཟད། རྒྱལ་ཁབ་ཕན་ཚུན་གྱི་མཛའ་འབྲེལ་ལའང་རྩི་མཐོང་མ་བྱས་པ་ཞིག་རེད་ཅེས་བརྗོད་ཀྱིན་ཡོད་པ་མ་ཟད། བླ་ཆེན་པོབ་ཀྱི་མཚན་གནས་རྗེས་འབྲེལ་མེད་པར་ཆོས་ལུགས་ཀྱི་བྱེད་སྒོ་དེ་ལྟ་བུ་ཞིག་ཡོང་ལུགས་མེད་ཅེས་རྒྱ་ནག་ནང་གི་ཁཱ་ཐཱི་ལིའི་ཆོས་ལུགས་ལ་དད་མོས་ཡོད་པའི་ཚོགས་པ་དང་མི་མང་ཡོངས་ནས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད། ད་ལྟ་རྒྱ་ནག་ནང་གཞུང་འབྲེལ་གྱི་ཁཱ་ཐི་ལིག་དགོན་པའི་ནང་དུ། ཚོགས་མི་ས་ཡ་ལྔ་ནས་དྲུག་བར་གཞུང་གིས་གཏན་འབེབས་བྱས་ཡོད་རུང་། གཞུང་འབྲེལ་མ་ཡིན་པའི་ཁཱ་ཐི་ལིག་དགོན་པར་ཚོགས་མི་གསང་བའི་ཐོག་ནས་འཛུལ་ཞུགས་ཀྱིས་ཚོགས་མིའི་གྲངས་འབོར་དེ་ས་ཡ་བཅུ་ཙམ་ཟིན་གྱི་ཡོད་པ་བཅས་རེད་འདུག  །

{jcomments on}