གསར་འབྱོར་བའི་སྐད་ཆ་ཚིག་གསུམ།

དྲ་གྲོགས་ཚོ་ཕྲན་ནི་དེ་རིང་གསར་དུ་འབྱོར་བའི་དྲ་ཕྲུག་ཅིག་ཡིན་ལ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་ཀྱང་། ཕྲན་ནི་གང་ཡང་མི་ཤེས་ཤིང་ཅི་ཡང་མི་འཇོན་པའི་སློང་མོ་བ་ཞིག་ཡིན་ལ། རང་གི་ཕ་ཡུལ་དང་ཕ་མ་བྲལ་བའི་ལྡོམ་པོ་ཞིག་དང་མཛའ་གྲོགས་མེད་པའི་ཁེར་རྐྱང་ཞིག་ཡིན། དེ་བས་ན་ཁྱེད་རྣམ་པས་ཕྲན་ལ་སེམས་གསོ་དང་རོགས་རམས་གང་མང་གི་གཡས་སྐྱོར་གཡོན་སྐྱོར་བྱེད་རོགས་ཞེས། ཕྲན་གྱིས་ཐལ་མོ་སྙིང་ཁར་སྦྱར་ནས་ཞུ་བ་འབུལ་བཞིན་ཡོད་ལགས།