སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་།

མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་དེ་ལག་ལེན་བསྟར་ཕྱོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད། སྐབས་དེར་ཚོགས་འདུའི་ཐོག་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་དང་། སྤྱི་འཐུས་སྒྲོལ་དཀར་སྐྱབས། དཔེ་མཛོད་པར་སྐྲུན་སྡེ་ཚན་གྱི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར། དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་པ་དགེ་འདུན་རབ་གསལ་སོགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད་པ་རེད། བགྲོ་གླེང་དེའི་ཐོག་གི་བསམ་ཚུལ་རྣམས་ཕྱོགས་བསྒྲིགས་ཀྱིས་བཀའ་སྤྱི་གཉིས་ལ་འབུལ་འཆར་ཡོད་པ་རེད།།