ཨ་རིར་གཏོར་སྐྱོན་གཏོང་འཆར།
ད་བར་ཨ་རིའི་ནང་དྲག་རྒོལ་དང་གཏོར་བཅོམ་མང་པོ་ཞིག་བྱས་ཡོད་ནའང་། དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་རྗེས་ཁོང་ཚོར་འགོག་རྐྱེན་འཕྲད་ཡོད་པར་བརྟེན། འཇིག་བསྐུལ་དྲག་སྤྱོད་དེ་སྔ་ལས་ལྷག་ གཞི་རྒྱ་ཆེ་རུ་འགྲོ་ཆེད། རྒྱལ་ཁབ་གཞན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དང་། དེ་བཞིན་ཨ་རིའི་ཚོང་འབྲེལ་ལས་ཁུངས་སོགས་ཀྱིས་མཚོན། འཛམ་གླིང་གང་སར་ཡོད་པའི་ཨ་རི་དང་དངོས་སུ་འབྲེལ་བའི་གནད་ཡོད་ས་གནས་ཁག་དང་། ལས་ཁུངས་མ་ལགས་སོགས་ལ་སྤེལ་རྒྱུའི་དམག་བྱུས་གསར་པ་ཞིག་བཟོས་ཡོད་པ་རེད། འཆར་གཞི་དེ་ནི་ཨལ་ཁེ་དྷ་ཚོགས་པའི་འགོ་ཁྲིད་གསར་པས་པཱ་ཀི་སི་ཐཱན་དང་མཐུན་ལམ་མཉམ་འབྲེལ་ཐོག རང་ཉིད་ཀྱི་ཚོགས་པའི་མདུན་ལམ་ལ་ཤུགས་སྣོན་གང་ལེགས་ཡོང་ཆེད་ཡིན་པའི་དཔྱད་གཏམ་སྤེལ་ཡོད་པ་རེད། འོན་ཀྱང་ཨཱལ་ཁཱེ་དྷ་ཚོགས་པས་དམག་བྱུས་དེ་ལག་བསྟར་གང་འདྲ་བྱེད་མིན་ཐད་སུས་ཀྱང་ཤེས་རྟོགས་མེད་པ་རེད་འདུག།