༼ གངས་ཅ་ཕ་ཡུལ་ལི་ཐང་ ༽
ངའི་ཕ་ཡུལ་གངས་ཅན་ལི་ཐང་འདི།།
ང་སྐྱིད་པའི་གླུ་དབྱངས་ལེན་ས་ཡིན་།
ང་དགའ་བའི་ཞབས་བྲོ་འཁྲབ་ས་ཡིན།།
ང་སྡུག་དུས་སྐྱོ་གླུ་ལེན་ས་ཡིན།།
ང་ཡ་རབས་སྤྱོད་བཟང་སྐྱོང་ས་ཡིན།།
ང་ཆོས་སྲིད་ལམ་སྣ་སྟོན་ས་ཡིན་།
ང་སྡུག་གི་ཁུར་པོ་ཁུར་ས་ཡིན།།
ང་སྐྱོ་བའི་སྙིང་གཏམ་འཆད་ས་ཡིན།།
ཚེ་འདི་ཕྱིའི་སྐྱབས་གནས་བླ་མ་བཟང་།།
དམངས་དད་པའི་བསམ་དོན་ཡིད་བཞིན་འགྲུབ།།
སྲིད་སྐྱོང་བའི་དཔོན་གྱི་མགོ་ཁྲད་ཡག།
དམངས་རྡོག་རྩ་འཆིལ་སྒྲིག་ལམ་སྣ་སྟོན།།
བོད་གངས་ཅན་བསྟན་པ་དར་བར་ཤོག།།
འགྲ་ཡོངས་ཀྱི་བསམ་དོན་ཡིད་བཞིན་འགྲུབ།།
བཀྲ་ཤིས་པའི་བདེ་ལེགས་ཕུན་སུམ་ཚོགས།།
བཀྲ་ཤིས་པའི་སྐྱིད་པའི་ཉི་མ་ཤར།།