བྱང་ཀོ་རི་ཡ་དང་ཨ་རིའི་དབར་རྡུལ་ཕྲན་མཚོན་ཆའི་སྐོར་གྱི་གྲོས་མོལ།
བདུན་ཕྲག་སྔོན་མའི་ནང་ཀོ་རི་ཡ་ལྷོ་བྱང་གཉིས་དབར་རྡུལ་ཕྲན་མཚོན་ཆ་བཀག་བསྡོམས་བྱེད་ཕྱོགས་ཐད་བགྲོ་གླེང་བྱུང་ཡོད་པ་མ་ཟད། ཀོ་རི་ཡ་ལྷོ་བྱང་གཉིས་ཀས་གང་མགྱོགས་རྡུལ་ཕྲན་མཚོན་ཆ་བཀག་བསྡོམས་ཀྱི་ལས་གཞི་སྤེལ་མཁན་མཉམ་འབྲེལ་རྒྱལ་ཁབ་གཞན་དང་གྲོས་མོལ་བྱེད་འཆར་ཡོད་ཚུལ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་ཡོད་པ་རེད།
ཕྱི་ལོ་༢༠༠༨ ལོར་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐད་ཀྱི་གྲོས་མོལ་དེ་ཀོ་རི་ཡ་ལྷོ་བྱང་གཉིས་བར་ལམ་ལྷོང་མ་བྱུང་བ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཀག་བསྡོམས་མཉམ་འབྲེལ་རྒྱལ་ཁབ་དྲུག་གི་ནང་ནས་ཕྱིར་འཐེན་བྱས་པ་བཅས་ལ་བརྟེན། ད་བར་ཀོ་རེ་ཡ་ལྷོ་བྱང་གཉིས་དབར་རྡུལ་ཕྲན་མཚོན་ཆའི་སྐོར་གྱི་ཞི་བའི་གྲོས་མོལ་བྱུང་མེད་དང་། ད་ཐེངས་ཀྱི་གྲོས་མོལ་དེས་བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་དང་མཉམ་འབྲེལ་གྱིས་གོ་མཚོན་བཀག་བསྡོམས་ལ་རང་བཞིན་གྱིས་འགན་འཁུར་བའི་རེ་བ་ཞིག་མཐོང་གི་ཡོད་པ་རེད།།