བཀའ་ཁྲིའི་ཁྲི་སྟོན་མཛད་སྒོ།
སྐབས་དེར་༧གོང་ས་མཆོག་དབུ་བཞུགས་ཐོག ཉིན་དེའི་ཞོགས་པ་ཆུ་ཚོད་༨༌༣༠ ཐོག་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་ཀྱི་མདུན་ནས་ལས་ཁུར་དམ་འབུལ་ཞུ་རྒྱུ་དང། མཛད་སྒོའི་ཐོག་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་ཁག་ཆེད་ཕེབས་ཀྱིས་གསུང་བཤད་དང། མཇུག་ཏུ་རྟེན་འབྲེལ་མཚོན་ཆེད་དུ་གཞས་སྣ་འཁྲབ་སྟོན་སོགས་བྱེད་རྒྱུ་ཡིན་པ་རེད།
བཀའ་ཁྲི་གསར་པ་བློ་བཟང་སེང་གེ་ནི་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་ལ་བསྩལ་བའི་རྗེས་ཀྱི་བཀའ་ཁྲི་ཐོག་མ་དེ་ཡིན་པ་རེད།།