རྒྱ་གར་ནི་སེམས་ནད་ཅན་གྱི་མི་མང་ཤོས་རེད།

རྒྱ་གར་ནང་མི་འབོར་སྤྱིའི་བརྒྱ་ཆ་༣༩ ཙམ་ལ་ཡིད་ཞུམ་དང་སེམས་ནད་ཀྱིས་མནར་བའི་སྙིང་གི་ན་ཚ་ཡོད་པ་དང་། དེའི་འབྱུང་རྐྱེན་གཙོ་བོ་ནི། རང་གཞན་ལ་ཡིད་ཆེས་མེད་པ། སྒྱིད་ལུག་གི་བསམ་པ། གཉིད་ཐེབས་གཅོག་པ། ཞེན་ཆགས་ཆེ་བ། ལུས་སྟོབས་ཞན་པ། སེམས་རྩེ་གཅིག་ཏུ་མི་གནས་པ། ཁེར་རྐྱང་གི་བསམ་བློ། སྤྱི་ཚོགས་ནང་འབྲེལ་འདྲིས་ཉུང་བ། ཁྱིམ་ཚང་གི་རྒྱབ་སྐྱོར་མ་ཐོབ་པ། སེམས་ཀྱི་དང་བ་ཉུང་བ། སྤྲོ་བ་དང་འདུན་པ་སོགས་བརླགས་པ་ལ་བརྟེན་ནས་སེམས་ནད་ཆེ་བའི་སྙིང་གི་ན་ཚ་ཡོང་གི་ཡོད་ཚུལ་འཕྲོད་བསྟེན་སྒྲིག་འཛུགས་ཉམས་ཞིབ་ཚོགས་པ་ཞིག་གིས་བཤད་ཡོད་པ་རེད།

འཕྲོད་བསྟེན་ཞིབ་འཇུག་གི་ཟིན་ཐོའི་ནང་འཁོད་པ་ལྟར་ན། ད་ཆ་འཛམ་གླིང་ནང་མི་བྱེ་བ་བརྒྱ་དང་ཉེར་གཅིག་མ་ཟིན་ཙམ་ལ་སེམས་པ་མ་སྐྱིད་པའི་སྙིང་གི་ན་ཚ་ཡོད་སྐོར་བརྗོད་ཡོད་པ་དང། ན་ཚ་འདིས་རང་ལོ་༡༥ ནས་༤༥ བར་གྱི་མི་རྣམས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། །