“““““““““““སྐྱེད་མ་དྲན་གླུ།““““““““““`

 

ལོ་མང་དཀའ་སྡུག་བརྩེགས་མ་དཔེ་ཁུག་བཞིན་ཁྱེར་ནས།།

ཚ་བའི་རོང་དུ་ཤེས་བྱ་རིག་གནས་ལ་སྦྱོང་སྐབས།།

རྒྱང་རིང་བུ་མོའི་དཀའ་སྡུག་མྱོང་ལུགས་ལ་བསམ་ནས།།

དྲིན་ཆེན་ཨ་མའི་ཡ་ལན་མེད་པ་དེ་སྐྱོ་བྱུང་།།


ན་ཆུང་དུས་སུ་བཅངས་པའི་རེ་བ་དེ་མཐོ་ལ།།

སློབ་འབྲིང་བཅུ་གཉིས་སྐབས་ཀྱི་འདུན་པ་དེ་ཆེ་ཡང་།།

གཞོན་ནུའི་ལང་མཚོ་དགུ་གཉིས་བབས་པ་ཡི་དུས་འདིར།།

དྲིན་ཆེན་མ་ལོ་གམ་དུ་མེད་པ་དེ་སྐྱོ་བྱུང་།།

ཧ་ཅང་རིང་བའི་མི་ལོ་བཅོ་བརྒྱད་ཀྱི་ཡུན་དུ།།

འདུ་འཛི་ཆེ་བའི་སྤྱི་ཚོགས་གང་མང་ཞིག་འགྲིམས་ཀྱང་།།

ཨ་མ་ཟེར་བའི་མིང་སྙན་ལན་མང་ཞིག་ཐོས་ཀྱང་།།

བདག་གི་ཨ་མ་ཡུན་རིང་མ་མཇལ་དེ་སྐྱོ་བྱུང་།།