ཆོས་བརྡ་གསལ་བསྒྲགས།
འདི་ལོའི་སྤྱི་ཟླ་༡༠ ཚེས་༢༧ བོད་ཟླ་༩ ཚེས་༡ རེས་གཟའ་ཕུར་བུའི་ཉིན་ནས། ༸སྐྱབས་རྗེ་གཏེར་ཆེན་༸ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས། དཔལ་གསང་ཆེན་སྔ་འགྱུར་བའི་བཀའ་ཡི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པའི་ནང་གསེས། རིང་བརྒྱུད་བཀའ་མ་རིན་པོ་ཆེའི་སྨིན་བྱེད་ཀྱི་དབང་དང་། གསང་ཆེན་བསྟན་པའི་མཛེས་རྒྱན་སྤྲུལ་སྐུ་རིག་འཛིན་པདྨ་མཆོག་གིས། རྒྱབ་རྟེན་གྱི་ལུང་བཅས་བཀའ་དྲིན་བསྩལ་རྒྱུར་གཏན་ཁེལ་བྱུང་བ་བཞིན། ཟླ་བ་གཅིག་གི་ནང་ཚུན་དབང་ལུང་གཉིས་ཆར་མཇུག་འགྲུབ་ཐུབ་པའི་འཆར་གཞི་ཡོད་པས། དེ་བཞིན་དད་ལྡན་ཞུ་བློ་ཡོད་རིགས་ཀུན་གྱིས་དགོངས་མངའ་ཡོང་བར་ཞུ་རྒྱུ་དང། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་ཉིན་གུང་གི་ཞལ་ལག་སོགས་མཐུན་རྐྱེན་ཅི་འབྱོར་ཞུ་རྒྱུ་བཅས་ཡོངས་ཁྱབ་གསལ་བརྡ་རུ།
ཕྱི་ལོ་༢༠༡༡ ཟླ་༧ ཚེས་༡༦ བོད་ཟླ་༥ ཚེས་༡༦ ཉིན་སྔ་འགྱུར་རི་དགོན་འདུ་རའི་ཡིག་ཚང་ནས།
འབྲེལ་མཐུད་ཁ་པར་ཨང་།
༩༨༠༨༥༨༩༦༤༢། ༩༨༤༡༤༨༡༨༡༩། ༩༨༠༨༣༣༧༠༣༩།