སྙན་དབང་དམ་པར་ཆེད་ཞུ།
སླར་ཡང་འདི་ལོ་༢༠༡༡ ལོའི་ཕྱི་ཟླ་༡༢ ཚེས་༡༢ དང་། བོད་ཟླ་༡༠ ཚེས༡༧ རེས་གཟའ་ཟླ་བ་ཉིན་ནས་བཟུང་ཉིན་གྲངས་བཅོ་ལྔའི་རིང་། སེར་བྱེས་གཙང་པ་ཁང་ཚན་གྱི་འདུ་ཁང་དུ་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་གཉིས་ཀྱི་བཤད་ཁྲིད་གནང་རྒྱུར་ཐུགས་བཏན་ཁེལ་སོང་བས། དེ་ལུགས་བཀའ་ཆོས་སུ་བཅར་འདོད་ཡོད་རིགས་ནས་དུས་ཐོག་ཕེབས་གནང་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། གསུང་ཆོས་གོ་སྒྲིག་པ་ཐུན་མོང་ནས་ཕྱི་ལོ་༢༠༡༡ ཟླ་བ་༧ ཚེས་༢༢ ཉིན་ལ་སྤེལ།
འབྲེལ་བ་གནང་ཡུལ།
བློ་བཟང་ཐབས་མཁས། ལག་ཐོག་ཁ་པར་།༩༩༨༠༦༢༠༧༧༡
ཐུབ་བསྟན་བསྟན་དར། ལག་ཐོག་ཁ་པར་༩༨༨༠༤༤༣༦༦༣