དྲག་སྤྱོད་པའི་རྒྱབ་ཏུ་པཱ་ཀི་སི་ཐན་འདུག་ཟེར།

དེ་རྗེས་ཡུ་གུར་མི་དེ་གཉིས་ཀྱིས་མི་ཚོགས་དཀྱིལ་དུ་རླང་འཁོར་བཏང་སྟེ་མི་༨ རྐྱེན་ལམ་དུ་བཏང་ཡོད་པ་རེད།  ཕྱི་ཉིན་རྒྱ་ནག་གཞུང་ཉེན་རྟོག་པས་ལག་དམར་བ་མི་དེ་གཉིས་པོ་རྩད་གཅོད་བྱེད་པའི་རིང་དོགས་གཞི་ཡོད་པའི་མི་༤ བསད་པ་དང་༤ འཇུ་བཟུང་བྱས་ཡོད་འདུག  སྐབས་དེར་ཉེན་རྟོག་པ་མི་ ༡ དང་མི་སེར་༣ ཡང་འདས་གྲོས་སུ་ཕྱིན་ཡོད་འདུག 

བཙན་བྱོལ་དུ་ཡོད་པའི་ཡུ་གུར་ཚོགས་པས་བརྗོད་པ་གཞིགས་ན། ཀ་ཤི་གར་ནང་གི་དོན་རྐྱེན་དེ་བྱུང་མ་ཐག་རྒྱ་ནག་གཞུང་གིས་གྲོང་ཁྱེར་དེར་དྲག་གནོན་འགོ་འཛུགས་བྱས་པ་དང་།  ཉུང་མཐར་ཡང་ཡུ་གུར་མི་གྲངས་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད་འདུག
འདས་པའི་བདུན་ཕྲག་དེའི་ནང་དུ་ཡུ་གུར་མི་ཚོས་རྒྱ་ནག་གཞུང་ལ་དྲག་རྒོལ་བྱས་པའི་ནང་སྨས་སྐྱོན་ཕོག་པའི་གྲངས་ཚད་དེ་༤༠ ལོངས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་བཏང་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་རྒྱབ་ཏུ་པཱ་ཀི་སི་ཐན་ནང་དྲག་པོའི་སྦྱོང་དར་ཐོབ་པའི་ཡུ་གུར་མི་རིགས་རང་བཙན་འཐབ་རྩོད་པའི་ཚོགས་པ་ETIM ཞེས་པ་དེ་ཡོད་པའི་ར་འཕྲོད་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།   ཟླ་༨ ཚེས་༢ ཉིན་རྒྱ་གཞུང་ཉེན་རྟོག་པས་ལག་དམར་བ་ཡུ་གུར་མི་དེ་གཉིས་རྩད་ཆོད་དེ་མེ་མདའ་བརྒྱབ་ནས་བསད་ཡོད་འདུག
རྒྱ་ནག་གི་འོག་ཏུ་ཡུ་གུ་མི་རིགས་ཚོས་རང་དབང་འཐབ་རྩོད་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་དེའི་ཐོག་དྲག་གནོན་ཡང་ཐེངས་མང་བྱེད་མྱོང་ཡོད་པ་རེད།།