་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདས་དོན་ཕྱིར་དྲན་ཐེངས་ཤིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཆུང་དུས་ཨ་མའི་བྱམས་སྐྱོང་ངར་མ་ཐོབ།།
གཞོན་དུས་ཨ་ཕའི་བསླབ་བྱ་ངར་མ་རགས།།
ད་ཕྲུག་མི་ཚེ་ཚ་བའི་ཡུལ་དུ་ཟད།།
ལས་འདི་བསམ་དུས་སེམས་པ་གཏིང་ནས་སྐྱོ།།
ཨ་ཉོག་སྐབས་སུ་རང་དབང་ང་ལ་མེད།།
བྱིས་དུས་ཐོབ་པའི་རང་དབང་ངས་མ་ཚོར།།
བག་གཡེང་ཕྱིན་པའི་མི་ཚེ་སྐྱུར་མོ་དེ།།
དྲན་བཞིན་དྲན་བཞིན་ང་རང་ཡིད་རེ་སྐྱོ།།
བྱིས་དུས་ང་ལ་དབང་བའི་རྩེད་ཆས་དག །
ན་ཟླ་མཉམ་དུ་རིག་རྩལ་ངས་མ་ཐུབ། །
དར་མའི་སྐབས་སུ་འགྱོད་སེམས་དྲག་པོས་མནན།།
འགྱོད་པའི་མིག་ཆུ་ཤོར་བཞིན་ཡིད་རེ་སྐྱོ།།
སྤྲོ་བས་དབེན་པའི་འཇིག་རྟེན་ཆེན་པོ་དེ།།
ནུབ་ལ་ཉེ་བའི་དགོང་གི་ཉི་ཟླ་འདྲ།།
མིག་ཆུས་བརླན་པའི་གོ་ལ་ཆེན་པོ་དེ།།
འཆི་ལ་ཉེ་བའི་ནད་པ་ཞིག་དང་མཚུངས།།
ངས་དགེ་ཆོས་ལགས་ཀྱི་ཚིགས་བཅད་ཞིག་མཐོང་རྗེས་ཞིག་ལ་བྲིས།