སྒྲོལ་མ་མཚོ་མོས་སྤྱི་འཐུས་ནས་རྩ་དགོངས་ཞུས་པ།

དེ་ཡང་མདོ་སྨད་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་ནས་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། མུ་མཐུད་སྐབས་བཅུ་བཞི་པར་ཡང་འདེམས་ཐོན་བྱུང་ཡོད་པས་ལོ་བཅུ་ལྷག་སྤྱི་འཐུས་ཀྱིས་འགན་ཁུར་བླངས་ཡོད་པ་རེད། སྤྱི་འཐུས་སྐབས་བཅོ་ལྔ་པའི་ནང་ནས་རྩ་དགོངས་ཞུས་ཡོད་པ་དང། སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་བལ་ཡུལ་དུ་ཧི་མ་ལ་ཡའི་མི་རིགས་དང་བོད་མི་​ཟུང་འབྲེལ་གྱི་བུད་མེད་ཀྱི་​ལས་དོན་ཡར་རྒྱས་གཏོང་ཆེད་ཚོགས་པ་ཞིག་གསར་འཛུགས་ཀྱིས་འགན་ཁུར་གཙོ་བོ་ལེན་བཞིན་ཡོད་སྟབས། ལས་ཀ་མང་དྲགས་ནས་སྤྱི་འཐུས་ཀྱི་འགན་དེ་ཁྱོག་གི་མི་འདུག་ཅེས་རྩ་དགོངས་ཞུས་ཡོད་ཚུལ་འདུག། མདོ་སྨད་ཀྱི་སྤྱི་འཐུས་སྒུག་ཐོ་དང་པོ་དེ་སྨན་པ་མཁྱེན་རབ་ལགས་ཡིན་པ་དང་། ཁོང་གིས་དམ་བཅའ་ཕུལ་ཟིན་པའི་རྗེས་སུ་མདོ་སྨད་སྤྱི་འཐུས་བཅུའི་ནང་སྤྱི་འཐུས་གསར་པ་དྲུག་སླེབས་ཡོད་པ་རེད།།