མོན་གྷོ་རུ་བསྔོ་སྨོན་མཆོད་འབུལ་དང་མར་མེའི་ཁྲོམ་སྐོར།
རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། རྒྱལ་ཁབ་སླར་གསོ་བཅས་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ཞིག་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༡༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་༧ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག བོད་མདོ་ཁམས་རྟའུ་རྫོང་ཉི་མཚོ་དགོན་པའི་དགེ་འདུན་པ་དང་མི་མང་ལ་རྒྱ་གཞུང་གིས་དམ་དྲག་བྱས་པར་ངོ་རྒོལ་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེན་རྣམ་གཉིས་དང་། འབྲས་སྤུངས་སྒོ་བློ་གཉིས་ཀྱི་གཙོས་མོན་གྷོ་ས་གནས་ཀྱི་གྲྭ་ཚང་ཁག་དགུ་དང་། གཞིས་གྲོང་ཁག་དགུ་བཅས་ཀྱི་གྲྭ་མང་དང་མི་མང་ཕོན་ཆེ་མཉམ་ཞུགས་བྱས་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།